[001A]༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྟོད་པ་བསྟོད་པ་ཙམ་གྱིས་འདོད་པའི་དོན་ཐམས་ཅད་འགྲུབ་པ་ཞེས་བྱ་བ་བཞུགས་སོ། ། [001A]༄༅། །དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ། །བསྟོད་པས་འདོད་པའི་དོན་ཐམས་ཅད་འགྲུབ་པ་ཞེས་བྱ་བ། བླ་མ་དམ་པ་རྣམས་དང། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གནས་བཞིའི་ས་ བོན་རྒྱུད་སྡེ་བཞི་ཡི་ཆུ་འཛིན་ལས་བྱུང་རྣམ་བཞིའི་དབང་གི་ཆར་གྱིས་བརླན། །བསྙན་སྒྲུབ་བཞི་ཡི་དྲོད་ཀྱིས་བསྐྱེད་པའི་དགའ་བ་བཞི་ཡི་སྡོང་པོ་ཤིན་ཏུ་ཆེར་རྒྱས་ཤིང། །སྐད་ཅིག་བཞི་ཡི་ཡལ་འདབ་རབ་རྒྱས་ འབྲས་བུ་བཞི་ཡི་མེ་ཏོག་དྲི་ལྡན་སྐུ་བཞིའི་འབྲས། །འཕྲིན་ལས་རྣམ་བཞིའི་གྲིབ་བསིལ་དང་ལྡན་དཔལ་ལྡན་བླ་མ་རིན་ཆེན་ལྗོན་ཤིང་རྒྱལ་གྱུར་ཅིག་་ཤེས་རབ་མ་ཡིན་ཐབས་མིན་པའི། །གཉིས་མེད་དུས་འཁོར་ བདེ་བ་ཆེ། །སྣ་ཚོགས་ཡུམ་གྱིས་མགྲིན་འཁྱུད་པའི། །མགོན་པོ་དེ་ལ་ཕྱག་འཚལ་ནས། །་དད་པའི་ཆུ་ལས་སྐྱེས་པ་ཡི། །བསྟོད་ཚིག་པད་མོ་དྲི་མེད་འདིས། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་རྣམས་རྟག་ཏུ་ མཆོད་པར་བགྱི། །་ཕྱི་ནང་དུས་ཀུན་སྒྲིབ་མེད་པའི། །བདག་ཉིད་འཁོར་འདས་རོ་གཅིག་པ། །མི་འགྱུར་བདེ་བ་རྫོགས་པ་པོ། །དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །་དྲི་མེད་འོད་ཟེར་འཕྲོ་བའི་སྐུ། །རྡོ་རྗེ་ཡི་ནི་རྒྱན་ [002A]༄༅། །དང་ལྡན། །ཞལ་རྒྱས་མཆེ་བ་ཕྱེད་གཙིགས་པའི། །མགོན་པོ་དེ་ལ་ཕྱག་འཚལ་ལོ། །་སྐུ་མདོག་སྔོན་པོ་ནམ་མཁའི་མདོག་རིག་བྱེད་ཞལ་དང་རྒྱལ་བའི་ཕྱག་དཔུང་པ་བཅུ་གཉིས་ཕྲག་ པ་དྲུག་ཉི་མའི་སྤྱན་ཅན་ལ་ཕྱག་འཚལ། །་དབུས་ཀྱི་མགྲིན་པ་སྔོན་པོ་སྟེ། །གཡས་པ་ཉི་མ་དང་མཚུངས་དམར། །གཡས་མིན་དཀར་པོ་ཟླ་བའི་མདོག་མགྲིན་པ་གསུམ་ལྡན་ལ་ཕྱག་འཚལ། །་ནག་པོ་མཆེ་ གཙིགས་དྲག་པོ་ཤར། །གཡས་ཞལ་ཕྱག་བཅས་དམར་པོ་སྟེ། །གཡོན་དཀར་ཞི་བ་རྒྱབ་ཞལ་ནི། །སེར་པོ་ཏིང་འཛིན་གནས་ལ་འདུད། །་དབུ་ཡི་རལ་པའི་ཅོད་པན་ལ། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་དང། །རིགས་ཀྱི་ བདག་པོ་དབུ་རྒྱན་དུ། །འཛིན་པ་དེ་ལ་ཕྱག་འཚལ་ལོ། །་རྡོ་རྗེ་ནོར་བུ་རྣ་རྒྱན་དང། །མགུལ་རྒྱན་གདུ་བུ་སྐ་རགས་དང། །རྐང་གདུབ་དར་དབྱངས་རྡོ་རྗེའི་ཕྲེང། །སྟག་ལྤགས་ན་བཟའ་འཛིན་ལ་འདུད། །་སྔོ་དང་ དམར་དང་དཀར་བ་ཡི། །ཕྲག་པ་གསུམ་དང་དཔུང་པ་དྲུག་ནག་དམར་དཀར་བའི་ཕྱག་བཅུ་གཉིས། །གཡས་གཡོན་གནས་ལ་ཕྱག་འཚལ་ལོ། །་མཐེ་བོང་སེར་ལ་མཛུབ་མོ་དཀར། །གུང་མོ་དམར་ལ་མིང་མེད་ [002B] མཐེ་ཆུང་ལྗང་ཁུ་ཚིགས་ཕྲེང་གསུམ། །ནག་དམར་དཀར་ལ་ཕྱག་འཚལ་ལོ། །་སོར་གདུབ་རྣམས་ཀྱིས་མཛེས་པ་ཡི། །གཡས་ཀྱི་ནག་པོའི་ཕྱག་བཞིན། །རྡོ་རྗེ་རལ་གྲི་རྩེ་གསུམ་དང། །གྲི་གུག་འཛིན་ལ་ ཕྱག་འཚལ་ལོ། །་དམར་པོའི་ཕྱག་གི་མཐིལ་བཞི་ཡིས། །མེ་མདའ་རྡོ་རྗེ་ལྕགས་ཀྱུ་དང། །སྒྲ་དང་བཅས་པའི་ཌ་མ་རུ། །ཐོ་བ་འཛིན་ལ་ཕྱག་འཚལ་ལོ། །་དཀར་པོའི་ཕྱག་བཞིས་རིམ་པ་བཞིན། །འཁོར་ལོ་མདུང་ དང་དབྱུག་པ་དང། །བཞི་པས་དགྲ་སྟ་འཛིན་པ་ཡི། །འཇིགས་པ་དེ་ལ་ཕྱག་འཚལ་ལོ། །་གཡོན་གྱི་ནག་པོའི་ཕྱག་བཞིན། །རྡོ་རྗེ་དྲིལ་བུ་ཕུབ་དང་ནི། །ཁ་ཊཱཾ་རྣམ་པར་རྒྱས་པའི་ཁ། །ཐོད་ཁྲག་འཛིན་ལ་ཕྱག་འཚལ་ ལོ། །་དམར་པོ་ཡི་ནི་ཕྱག་བཞི་ཡིས། །གཞུ་དང་རྡོ་རྗེ་ཞགས་པ་དང། །ནོར་བུ་རིན་ཆེན་པད་མ་དཀར། །འཛིན་པ་དེ་ལ་ཕྱག་འཚལ་ལོ། །་དཀར་པོའི་ཕྱག་གིས་དུང་དང་ནི། །མེ་ལོང་རྡོ་རྗེ་ལྕགས་སྒྲོག་དང། །ཚངས་ མགོ་གདོང་བཞི་པད་མ་ཡིས། །སྤྲས་པ་འཛིན་ལ་ཕྱག་འཚལ་ལོ། །་ཟེ་འབྲུའི་ཕྲེང་ལྡན་བསིལ་ཟེར་ཅན། །འོད་སྟོང་ལྡན་དང་དུས་མེའི་སྟེང། །ཤིན་ཏུ་བསྒྱིངས་པའི་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ལ་ཕྱག་ འཚལ་ལོ། །་ཞབས་གཡས་དམར་པོས་འདོད་པའི་ལྷ། །དམར་པོ་གདོང་གཅིག་ལག་བཞི་པ། །མེ་ཏོག་མདའ་ལྔ་གཞུ་དང་ཞགས། །ལྕགས་ཀྱུ་འཛིན་པ་མནན་ལ་འདུད། །་དྲག་པོ་དཀར་པོ་མིག་གསུམ་པ། ། [003A]༄༅། །གདོང་གཅིག་ལག་བཞི་རྩེ་གསུམ་དང། །ཅང་ཏེ་ཐོད་པ་ཁ་ཊཱཾ་འཛིན། །ཞབས་གཡོན་དཀར་པོས་གནོན་ལ་འདུད། །་བདུད་ཀྱི་ལྷ་མོ་དགའ་མ་དང། །དྲག་པོའི་ལྷ་མོ་དཀའ་བཟློག་མས། ། གདོང་དམན་ཞབས་ལ་འཛིན་བཞིན་དུ། །བདུད་དང་དྲག་པོ་གནོན་ལ་འདུད། །་སྣ་ཚོགས་ཡུམ་ནི་གསེར་གྱི་མདོག་རྩ་ཞལ་གསེར་མདོག་གཡས་པ་དཀར། །གཡོན་པ་དམར་པོ་རྒྱབ་ཞལ་སྔོ། །ཞལ་བཞི་ལྡན་ ལ་ཕྱག་འཚལ་ལོ། །་གཡས་ཀྱི་ཕྱག་བཞིས་རིམ་པ་བཞིན། །གྲི་གུག་རྡོ་རྗེ་ལྕགས་ཀྱུ་དང། །སྒྲ་དང་བཅས་པའི་ཌ་མ་རུ། །བགྲང་ཕྲེང་འཛིན་ལ་ཕྱག་འཚལ་ལོ། །་གཡོན་ན་ཐོད་པ་ཞགས་པ་དང། །པད་མ་དཀར་ པོ་འདབ་བརྒྱ་པ། །མཆོག་གི་རིན་ཆེན་འཛིན་མཛད་པའི། །ཕྱག་བརྒྱད་ལྡན་ལ་ཕྱག་འཚལ་ལོ། །་གཡོན་བརྐྱང་སྟབས་ཀྱིས་ཡབ་ལ་འཁྱུད། །རྡོ་རྗེ་སེམས་དཔའི་ཅོད་པན་ཅན། །ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་ལ། །ཉི་མའི་ སྤྱན་ཅན་ལ་ཕྱག་འཚལ། །་ཤར་གྱི་པད་མའི་འདབ་མ་ལ། །ནག་མོ་འབར་མ་སྐུ་མདོག་ནག་ནག་དམར་སེར་དང་དཀར་བའི་ཞལ། །ཉི་མའི་སྤྱན་ལྡན་ལ་ཕྱག་འཚལ། །་གཡས་ཀྱི་ཕྱག་བཞིས་སྤོས་ཀྱི་སྣོད། །ཙན་དན་ སྣོད་དང་གུར་གུམ་སྣོད། །ག་བུར་གླ་རྩི་སྦྱར་བའི་སྣོད། །འཛིན་པ་དེ་ལ་ཕྱག་འཚལ་ལོ། །་གཡོན་ན་དྲིལ་བུ་པད་མ་དང། །ལྷ་ཤིང་གི་ནི་མེ་ཏོག་དང། །མེ་ཏོག་སྣ་ཚོགས་ཕྲེང་བ་འཛིན། །ཕྱག་བརྒྱད་ལྡན་ལ་ཕྱག་འཚལ་ [003B] །་ལྷོ་ཡི་པད་མའི་འདབ་མ་ལ། །དམར་མོ་འབར་མ་སྐུ་མདོག་དམར། །དམར་སེར་དཀར་སྔོའི་ཞལ་བཞི་པོ། །སྤྱན་གསུམ་ལྡན་ལ་ཕྱག་འཚལ་ལོ། །་ཕྱག་གཡས་མར་མེ་དོ་ཤལ་དང། །ཅོད་པན་གདུ་བུ་གཡོན་ན་གོས། །སྐ་རགས་རིན་ཆེན་རྣ་རྒྱན་དང། ། རྐང་གདུབ་འཛིན་ལ་ཕྱག་འཚལ་ལོ། །་བྱང་གི་པད་མའི་འདབ་མ་ལ། །དཀར་མོ་འབར་མ་སྐུ་མདོག་དཀར། །དཀར་ནག་དམར་དང་སེར་བའི་ཞལ། །རེ་རེའང་སྤྱན་གསུམ་ལྡན་ལ་འདུད། །་ཕྱག་གཡས་འོ་མ་ཆུ་མཆོག་སྨན། །ཆང་སྣོད་གཡོན་པ་བདུད་རྩིའི་ སྣོད། །གྲུབ་པའི་རོ་དང་བདུད་རྩིའི་འབྲས། །ཟན་སྣོད་བསྣམས་ལ་ཕྱག་འཚལ་ལོ། །་ནུབ་ཀྱི་པད་མའི་འདབ་མ་ལ། །སེར་མོ་འབར་མ་སྐུ་མདོག་སེར། །སེར་དཀར་སྔོ་དང་དམར་བའི་ཞལ། །མཛེས་པའི་སྤྱན་གསུམ་ལྡན་ལ་འདུད། །་ཕྱག་གཡས་དུང་ དང་གླིང་བུ་དང། །ནོར་བུ་ཅང་ཏེ་གཡོན་རྒྱུད་མང། །རྔ་དང་སྒྲ་སྒྲོག་འཁར་བ་དང། །ཟངས་དུང་འཛིན་ལ་ཕྱག་འཚལ་ལོ། །་མེ་ཡི་མཚམས་སུ་དུ་བ་མ། །ནག་མོ་འབར་མ་ལྟ་བུ་སྟེ། །ཕྱག་བརྒྱད་ཀྱིས་ནི་རྔ་ཡབ་འཛིན། །ལྷ་མོ་དེ་ལ་ཕྱག་འཚལ་ལོ། །་ བདེན་བྲལ་མཚམས་སུ་སྨིག་རྒྱུ་མ། །དམར་མོ་འབར་མ་ལྟ་བུ་ཡི། །ཞལ་དང་སྐུ་མདོག་དང་ལྡན་པ། །ཕྱག་བརྒྱད་རྔ་ཡབ་འཛིན་ལ་འདུད། །་དབང་ལྡན་མཚམས་སུ་མཁའ་སྣང་མ། །དཀར་མོ་འབར་མ་ལྟ་བུའི་ཞལ། །སྐུ་མདོག་དཀར་མ་ཕྱག་བརྒྱད་ཀྱིས། །རྔ་ ཡབ་འཛིན་ལ་ཕྱག་འཚལ་ལོ། །་རླུང་གི་མཚམས་སུ་མར་མེ་མ། །སེར་མོ་འབར་མ་ལྟ་བུ་སྟེ། །ཞལ་བཞི་ཕྱག་བརྒྱད་རྔ་ཡབ་འཛིན། །གསེར་མདོག་མ་ལ་ཕྱག་འཚལ་ལོ། །་ཀུན་ཀྱང་ཕྱག་རྒྱ་ལྔ་ཡིས་བརྒྱན། །མཉམ་པའི་སྟབས་ཀྱིས་མཛེས་པར་ བཞུགས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་མོ། །ཕ་རོལ་ཕྱིན་མ་རྣམས་ལ་འདུད། །་དབང་ལྡན་སྲིན་པོ་མེ་རླུང་དུ། །ཆོས་ཀྱི་དུང་དཀར་གཎྜི་དམར། །ནོར་བུ་ནག་པོ་དཔག་བསམ་ཤིང། །སེར་པོ་རྡོ་རྗེ་བཞི་ལ་འདུད། །་བདེ་གཤེགས་འཕར་མའི་ཤར་ཕྱོགས་ [004A]༄༅། །སུ། །དོན་ཡོད་གྲུབ་པ་སྐུ་མདོག་ནག་ནག་དང་དམར་དང་དཀར་བའི་ཞལ། །སྤྱན་དགུ་པ་ལ་ཕྱག་འཚལ་ལོ། །་ཕྱག་གཡས་རལ་གྲི་གྲི་གུག་དང། །རྩེ་གསུམ་གཡོན་ན་ཕུབ་ཐོད་པ། །ཁ་ཊཱཾ་ག་ནི་དཀར་པོ་འཛིན། །སྤྱན་མས་འཁྱུད་ ལ་ཕྱག་འཚལ་ལོ། །་ལྷོར་ནི་རིན་ཆེན་འབྱུང་ལྡན་དམར། །དམར་དང་དཀར་དང་ནག་པའི་ཞལ། །མཱ་མ་ཀཱི་ཡིས་འཁྱུད་པ་ཡི། །བདེ་གཤེགས་དེ་ལ་ཕྱག་འཚལ་ལོ། །་ཕྱག་གཡས་མེ་མདའ་ལྕགས་ཀྱུ་དང། །སྒྲ་དང་བཅས་པའི་ཌ་མ་རུ། །གཡོན་ན་ གཞུ་དང་རྡོ་རྗེའི་ཞགས། །རིན་ཆེན་རྩེ་དགུ་འཛིན་ལ་འདུད། །་བྱང་དུ་སྣང་བ་མཐའ་ཡས་དཀར། །དཀར་དང་ནག་དང་དམར་བའི་ཞལ། །གོས་དཀར་མོ་ཡིས་མགྲིན་འཁྱུད་པའི། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །་ཕྱག་གཡས་ཐོ་བ་མདུང་དང་ ནི། །རྩེ་གསུམ་གཡོན་ན་པད་དཀར་ནི། །འདབ་བརྒྱ་པ་དང་མེ་ལོང་དང། །བགྲང་ཕྲེང་འཛིན་ལ་ཕྱག་འཚལ་ལོ། །་ནུབ་ཏུ་རྣམ་པར་སྣང་མཛད་ནི། །སྒྲོལ་མས་འཁྱུད་པའི་སེར་པོ་སྟེ། །སེར་དང་དཀར་དང་ནག་པའི་ཞལ། །སྒྲིབ་བྲལ་གཟུགས་ལ་ཕྱག་འཚལ་ ལོ། །་ཕྱག་གཡས་འཁོར་ལོ་དབྱུག་པ་དང། །འཇིགས་བྱེད་རྡོ་རྗེ་གཡོན་ན་དུང། །རྡོ་རྗེ་ལྕགས་སྒྲོག་སྒྲར་བཅས་པའི། །དྲིལ་བུ་འཛིན་ལ་ཕྱག་འཚལ་ལོ། །་ཀུན་ཀྱང་པད་དཀར་ཉི་མའི་སྟེང། །རྡོ་རྗེའི་གདན་གྱིས་བཞུགས་པ་ལ། །ཤེས་རབ་པད་ མའི་གདན་གྱིས་འཁྱུད། །སྒྲིབ་བྲལ་ཕུང་པོ་ལ་ཕྱག་འཚལ། །་མེ་མཚམས་སྒྲོལ་མ་དོན་གྲུབ་བཞིན། །རྣམ་སྣང་མཛད་ཀྱིས་ཀུན་ནས་འཁྱུད། །རླུང་ཁམས་སྒྲིབ་བྲལ་དུ་གྱུར་པའི། །འཁོར་བ་སྒྲོལ་མཛད་ལ་ཕྱག་འཚལ། །་སྲིན་པོའི་མཚམས་ སུ་གོས་དཀར་མོ། །རིན་ཆེན་འབྱུང་ལྡན་ལྟ་བུ་ལ། །འོད་དཔག་མེད་ཀྱིས་མངོན་པར་འཁྱུད། །སྒྲིབ་བྲལ་མེ་ལ་ཕྱག་འཚལ་ལོ། །་དབང་ལྡན་མཚམས་སུ་མཱ་མ་ཀཱི། །སྣང་བ་མཐའ་ཡས་ལྟ་བུ་ལ། །རིན་ཆེན་འབྱུང་བས་འཁྱུད་པ་ཡི། །ཆུ་ཁམས་སྒྲིབ་བྲལ་ [004B] །་རླུང་གི་མཚམས་སུ་སངས་རྒྱས་སྤྱན། །རྣམ་པར་སྣང་མཛད་ལྟ་བུ་ལ། །དོན་ཡོད་གྲུབ་པས་འཁྱུད་པ་ཡི། །ས་ཁམས་སྒྲིབ་བྲལ་ལ་ཕྱག་འཚལ། །་ཀུན་ཀྱང་པད་དམར་ཟླ་བའི་སྟེང། །པད་མའི་གདན་གྱིས་བཞུགས་པ་ལ། །ཐབས་ རྣམས་རྡོ་རྗེའི་གདན་གྱིས་འཁྱུད། །གཤེགས་མ་བཞི་ལ་ཕྱག་འཚལ་ལོ། །་བར་གྱི་ལེ་ཚེ་ལ་གནས་པ། །ཤར་དུ་རྐང་དང་ལྷོ་རུ་ཁྲག་བྱང་དུ་གཅི་བ་ནུབ་ཏུ་བཤད། །སྒྲིབ་བྲལ་བུམ་པ་བརྒྱད་ལ་འདུད། །་ཤར་སྒོའི་གཡས་སུ་མཁའ་སྙིང་པོ། །དོན་ ཡོད་གྲུབ་པ་ལྟ་བུ་ལ། །དྲི་ཡི་རྡོ་རྗེ་མ་ཡིས་འཁྱུད། །རྡོ་རྗེའི་སྣ་ལ་ཕྱག་འཚལ་ལོ། །་ལྷོ་སྒོའི་གཡས་སུ་ས་སྙིང་པོ། །རིན་ཆེན་འབྱུང་ལྡན་ལྟ་བུ་ལ། །གཟུགས་ཀྱི་རྡོ་རྗེ་མ་ཡིས་འཁྱུད། །རྡོ་རྗེའི་མིག་ལ་ཕྱག་འཚལ་ལོ། །་བྱང་སྒོའི་གཡས་སུ་འཇིག་ རྟེན་དབང། །སྣང་བ་མཐའ་ཡས་ལྟ་བུ་ལ། །རོ་ཡི་རྡོ་རྗེ་མ་ཡིས་འཁྱུད། །རྡོ་རྗེའི་ལྕེ་ལ་ཕྱག་འཚལ་ལོ། །་ནུབ་སྒོའི་གཡས་སུ་སྒྲིབ་རྣམ་སེལ། །རྣམ་པར་སྣང་མཛད་ལྟ་བུ་ལ། །རེག་བྱ་རྡོ་རྗེ་མ་ཡིས་འཁྱུད། །རྡོ་རྗེའི་ལུས་ལ་ཕྱག་འཚལ་ལོ། །་ཤར་ སྒོའི་གཡོན་དུ་ཀུན་བཟང་སྔོ། །སྔོ་དང་དམར་དང་དཀར་བའི་ཞལ། །ཆོས་དབྱིངས་རྡོ་རྗེ་མ་ཡིས་འཁྱུད། །རྡོ་རྗེའི་ཡིད་ལ་ཕྱག་འཚལ་ལོ། །་ཕྱག་གཡས་རྡོ་རྗེ་གྲི་གུག་དང། །དགྲ་སྟ་གཡོན་ན་དྲིལ་བུ་དང། །ཐོད་པ་དང་ནི་ཚངས་པའི་མགོ་བསྣམས་པ་དེ་ ལ་ཕྱག་འཚལ་ལོ། །་ལྷོ་སྒོའི་གཡོན་དུ་ཕྱག་རྡོར་ལྗང། །ལྗང་དང་དམར་དང་དཀར་བའི་ཞལ། །སྒྲ་ཡི་རྡོ་རྗེ་མ་ཡིས་འཁྱུད། །རྡོ་རྗེའི་རྣ་བ་ལ་ཕྱག་འཚལ། །་གཡས་ཀྱི་ཕྱག་གིས་རྡོ་རྗེ་དང། །གྲི་གུག་དང་ནི་དགྲ་སྟ་འཛིན། །གཡོན་ན་དྲིལ་བུ་ཐོད་ པ་དང། །ཚངས་མགོ་འཛིན་ལ་ཕྱག་འཚལ་ལོ། །་ཀུན་ཀྱང་པད་དཀར་ཉི་མའི་སྟེང། །རྡོ་རྗེའི་གདན་གྱིས་བཞུགས་པ་ལ། །ཡུམ་རྣམས་པད་མའི་གདན་གྱིས་འཁྱུད། །སྐྱེ་མཆེད་དྲུག་ལ་ཕྱག་འཚལ་ལོ། །་མེ་མཚམས་རེག་བྱ་རྡོ་རྗེ་མ། །སྒྲིབ་རྣམ་ [005A]༄༅། །སེལ་དང་མཉམ་པར་སྦྱོར། །སྐུ་མདོག་ཕྱག་མཚན་སྒྲོལ་མ་བཞིན། །རྡོ་རྗེའི་རེག་ལ་ཕྱག་འཚལ་ལོ། །་སྲིན་པོར་རོ་ཡི་རྡོ་རྗེ་མ། །ན་བཟའ་དཀར་མོ་ལྟ་བུ་ལ། །འཇིག་རྟེན་དབང་ཕྱུག་གིས་འཁྱུད་པའི། །རྡོ་རྗེའི་རོ་ལ་ཕྱག་འཚལ་ ལོ། །་དྲག་པོར་གཟུགས་ཀྱི་རྡོ་རྗེ་མ། །རྡོ་རྗེ་མཱ་མ་ཀཱི་ལྟ་བུ། །ས་ཡི་སྙིང་པོས་འཁྱུད་པ་ཡི། །རྡོ་རྗེའི་གཟུགས་ལ་ཕྱག་འཚལ་ལོ། །་རླུང་དུ་དྲི་ཡི་རྡོ་རྗེ་མ། །སངས་རྒྱས་སྤྱན་མ་ལྟ་བུ་ལ། །ནམ་མཁའི་སྙིང་པོས་འཁྱུད་པ་ཡི། །རྡོ་རྗེའི་དྲི་ལ་ཕྱག་འཚལ་ལོ། ། ་བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེ། །ཀུན་ཏུ་བཟང་པོ་ལྟ་བུ་ལ། །ཕྱག་ན་རྡོ་རྗེས་འཁྱུད་པ་ཡི། །རྡོ་རྗེའི་སྒྲ་ལ་ཕྱག་འཚལ་ལོ། །་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ། །ཕྱག་རྡོར་ལྟ་བུ་ནུབ་སྒོའི་གཡོན། །ཀུན་ཏུ་བཟང་པོས་འཁྱུད་པ་ཡི། །རྡོ་རྗེའི་ཆོས་ལ་ཕྱག་འཚལ་ལོ། ། ་ཀུན་ཀྱང་པད་དམར་ཟླ་བའི་སྟེང། །པད་མའི་གདན་གྱིས་བཞུགས་པ་ལ། །ཡབ་རྣམས་རྡོ་རྗེའི་གདན་གྱིས་འཁྱུད། །སེམས་མ་དྲུག་ལ་ཕྱག་འཚལ་ལོ། །་ཤར་སྒོའི་ཁྲོ་བོ་ཤིན་ཏུ་སྟོབས། །དོན་ཡོད་གྲུབ་པ་ལྟ་བུ་ལ། །སྤྱན་མ་ལྟ་བུའི་རེངས་བྱེད་ མས། །འཁྱུད་པའི་རྡོ་རྗེའི་ངག་ལ་འདུད། །་ལྷོ་སྒོར་ཁྲོ་བོ་རྨུགས་བྱེད་ནི། །རིན་ཆེན་འབྱུང་ལྡན་ལྟ་བུ་ལ། །མཱ་མ་ཀཱི་འདྲའི་ཁེངས་བྱེད་མས། །འཁྱུད་པ་རྡོ་རྗེའི་ཕྱག་ལ་འདུད། །་བྱང་སྒོར་ཁྲོ་བོ་ཁེངས་བྱེད་ནི། །སྣང་བ་མཐའ་ཡས་ལྟ་བུ་ལ། ། གོས་དཀར་ལྟ་བུའི་རྨུགས་བྱེད་མས། །འཁྱུད་པའི་རྡོ་རྗེའི་ཞབས་ལ་འདུད། །་ནུབ་སྒོར་ཁྲོ་བོ་ལས་བྱེད་ནི། །རྣམ་པར་སྣང་མཛད་ལྟ་བུ་ལ། །སྒྲོལ་མ་ལྟ་བུའི་རབ་བརྩོན་མས། །འཁྱུད་པ་སྲིན་པོའི་ཞབས་ལ་འདུད། །་སྟེང་དུ་རྡོ་རྗེ་གཙུག་ཏོར་ཅན། ། ཕྱག་ན་རྡོ་རྗེ་ལྟ་བུ་ལ། །ཤིན་ཏུ་སྔོན་མོས་འཁྱུད་པ་ཡི། །མི་བསྐྱོད་དབང་པོ་ལ་ཕྱག་འཚལ། །་སྟེང་དང་བྱང་དང་ཤར་རྣམས་སུ། །པད་མ་དམར་དང་ཟླ་བའི་གདན། །ལྷོ་ནུབ་པད་དཀར་ཉི་མ་ལ། །བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །་ཀུན་ཀྱང་ [005B] །གཡས་བརྐྱང་སྟབས་ཀྱིས་གནས་པ་ལ། །གཡོན་བརྐྱང་བ་ཡི་ཁྲོ་མོས་འཁྱུད། །སྟོབས་རྣམ་ལྔ་ལ་ཕྱག་འཚལ་ལོ། །་སྟེང་དང་འོག་གི་གནས་གཉིས་སུ། །བྱང་སེམས་དཀར་དམར་རྣམ་དག་པ། །རྒྱལ་དང་རྣམ་པར་རྒྱལ་བ་ཡི། ། བུམ་པ་གཉིས་ལའང་ཕྱག་འཚལ་ལོ། །་སྒོ་ཡི་ཕྱི་རོལ་ཁ་ཁྱར་ལ། །ཤར་དུ་དྲི་མ་ཕྲེང་བ་མ། །ལྷོ་རུ་སྤོས་མ་མར་མེ་མ། །བྱང་དུ་བཤོས་མ་འབྲས་བུ་མ། །་ནུབ་ཏུ་སྒེག་མོ་བཞད་མ་དང། །སྟེང་དུ་རོལ་མོ་གར་མཁན་མ། །འོག་ཏུ་གླུ་མ་འདོད་མ་སྟེ། །མཆོད་པའི་ ལྷ་མོ་རྣམས་ལ་འདུད། །་གསུང་གི་དཀྱིལ་འཁོར་སྣམ་བུ་ཡི། །ཤར་དུ་ཡི་དྭགས་དམར་པོའི་སྟེང། །པད་དམར་འདབ་མ་བརྒྱད་པ་ལ། །བཞུགས་པའི་ལྷ་མོ་ལ་ཕྱག་འཚལ། །་ལྟེ་བར་ལྷ་མོ་ཙཱ་མུཎ་ཌི། །ནག་མོ་ཞལ་གཅིག་སྤྱན་གསུམ་མ། །དབང་པོ་སེར་པོས་ འཁྱུད་པ་ཡི། །ཙར་ཙི་ཀ་ལ་ཕྱག་འཚལ་ལོ། །་འདབ་མར་འཇིགས་མ་དྲག་མོ་དང། །དུས་ཀྱི་མཆེ་བ་མེ་འབར་གདོང། །རླུང་ཤུགས་རབ་གཏུམ་དྲག་ཅན་མ། །སྣ་ཆེན་མ་ལ་ཕྱག་འཚལ་ལོ། །་ཕྱག་གཡས་གྲི་གུག་རྩེ་གསུམ་འཛིན། །གཡོན་ན་ཐོད་པ་ཁ་ ཊཱཾ་ག་ནག་མོ་ཞལ་གཅིག་སྤྱན་གསུམ་པའི། །ལྷ་མོ་དགུ་ལ་ཕྱག་འཚལ་ལོ། །་མེ་མཚམས་ནམ་མཁའ་ལྡིང་གི་སྟེང། །པད་དཀར་འདབ་བརྒྱད་ལྟེ་བ་ལ། །ཚངས་པས་འཁྱུད་པའི་ཁྱབ་འཇུག་མ། །གཙོ་མོ་དེ་ལ་ཕྱག་འཚལ་ལོ། །་འདབ་མར་གཡང་མོ་ སྒྱུ་མ་དང། །གྲགས་མ་དཔལ་མོ་རྣམ་རྒྱལ་མ། །དཔལ་ལྡན་རྒྱལ་མ་རྒྱལ་བྱེད་མ། །དཔལ་ལྡན་འཁོར་ལོ་ཅན་ལ་འདུད། །་ཀུན་ཀྱང་ནག་མོ་ཞལ་གཅིག་མ། །སྤྱན་གསུམ་ཕྱག་བཞི་གཡས་པ་ན། །འཁོར་ལོ་བེ་ཅོན་གཡོན་པ་ན། །པད་དུང་འཛིན་ལ་ཕྱག་འཚལ་ ལོ། །་གཤིན་རྗེའི་ཕྱོགས་སུ་མ་ཧེའི་སྟེང། །པད་དམར་འདབ་བརྒྱད་ལྟེ་བ་ལ། །དྲག་པོས་འཁྱུད་པའི་ཕག་མོ་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །་འདབ་མར་ཀེང་རུས་དུས་མཚན་མ། །རབ་ཏུ་ཁྲོས་གདོང་དུས་ཀྱི་ལྕེ། །གཙིགས་མ་ནག་མོ་འཇིགས་རུང་མ། ། [006A]༄༅། །གཟུགས་ངན་མ་ལ་ཕྱག་འཚལ་ལོ། །་ཐམས་ཅད་གཡས་ན་དབྱུག་པ་དང། །རལ་གྲི་གཡོན་ན་ལྕགས་སྒྲོག་ཕུབ། །དམར་མོ་ཞལ་གཅིག་ཕྱག་བཞི་མ། །སྤྱན་གསུམ་ལྡན་ལ་ཕྱག་འཚལ་ལོ། །་བདེན་བྲལ་མཚམས་སུ་རྨ་ བྱའི་སྟེང། །པད་དཀར་འདབ་བརྒྱད་ལྟེ་བ་ལ། །བགེགས་ཀྱི་མགོན་པོས་འཁྱུད་པ་ཡི། །གཞོན་ནུ་མ་ལ་ཕྱག་འཚལ་ལོ། །་འདབ་མར་པད་མ་ལུས་མེད་མ། །གཞོན་ནུ་རི་དྭགས་བདག་འགྲོ་མ། །རིན་ཆེན་ཕྲེང་བ་མིག་བཟང་མ། །རུལ་མ་བཟང་མོ་ལ་ཕྱག་འཚལ་ ་ཐམས་ཅད་དམར་མོ་སྤྱན་གསུམ་དང། །ལྡན་པའི་ཞལ་དྲུག་ཕྱག་གཡས་ན། །མདུང་ཐུང་ལྕགས་ཀྱུ་གཡོན་པ་ན། །རིན་ཆེན་ཞགས་པ་འཛིན་ལ་འདུད། །་བྱང་གི་ཕྱོགས་སུ་ཁྱུ་མཆོག་སྟེང། །པད་མ་དམར་པོ་འདབ་བརྒྱད་ཀྱི། །ལྟེ་བར་གཤིན་རྗེས་འཁྱུད་པ་ ཡི། །དྲག་མོ་དེ་ལ་ཕྱག་འཚལ་ལོ། །་འདབ་མར་གཽ་རི་གང་གཱ་མ། །རྟག་མ་མྱུར་མ་ཏོ་ཏ་ལ། །མཚོན་བྱེད་མ་དང་དམར་སེར་མ། །ནག་མོ་རྣམས་ལ་ཕྱག་འཚལ་ལོ། །་ཀུན་ཀྱང་དཀར་མོ་ཞལ་གཅིག་མ། །སྤྱན་གསུམ་ཕྱག་བཞི་གཡས་རྩེ་གསུམ། །ཅང་ཏེའུ་ གཡོན་ན་ཁ་ཊཱཾ་ག། །སྦྲུལ་འཛིན་པ་ལ་ཕྱག་འཚལ་ལོ། །་དབང་ལྡན་མཚམས་སུ་སེང་གེའི་སྟེང། །པད་མ་དཀར་པོ་འདབ་བརྒྱད་ཀྱི། །ལྟེ་བར་གདོང་དྲུག་གིས་འཁྱུད་པའི། །དཔལ་མོ་དེ་ལ་ཕྱག་འཚལ་ལོ། །་འདབ་མར་དཔལ་ལྡན་དཀར་ཟླའི་རི། །རི་བོང་འཛིན་ གདོང་དང་པའི་མདོག་འཛིན་མ་པད་དབང་སྐར་མིག་མ། །དྲི་མེད་རི་བོང་འཛིན་ལ་འདུད། །་ཀུན་ཀྱང་དཀར་མོ་ཞལ་གཅིག་མ། །སྤྱན་གསུམ་ཕྱག་བཞི་གཡས་པ་ན། །པད་མ་བགྲང་ཕྲེང་གཡོན་པད་མ། །རིན་ཆེན་བསྣམས་ལ་ཕྱག་འཚལ་ལོ། །་ནུབ་ཀྱི་ཕྱོགས་ སུ་གླང་པོའི་སྟེང། །པད་མ་འདབ་བརྒྱད་དམར་པོ་ཡི། །ལྟེ་བར་སྲིན་པོས་འཁྱུད་པ་ཡི། །དབང་མོ་དེ་ལ་ཕྱག་འཚལ་ལོ། །་རྡོ་རྗེ་འོད་དང་རྡོ་རྗེ་ལུས། །གསེར་ལྡན་ཨུར་ཤཱི་བཀྲ་རི་མོ། །རཾ་བྷ་ཟུག་རྡུ་མེད་ཤིན་སྒྲོལ། །འདབ་མར་གནས་ལ་ཕྱག་འཚལ་ལོ། །་ཀུན་ཀྱང་ [006B] །སྤྱན་གསུམ་ཕྱག་བཞི་གཡས་རྡོ་རྗེ། །མདའ་དང་གཡོན་ན་དྲིལ་བུ་གཞུ། །བསྣམས་པ་དེ་ལ་ཕྱག་འཚལ་ལོ། །་རླུང་གི་མཚམས་སུ་ངང་པའི་སྟེང། །པད་མ་དཀར་པོ་འདབ་བརྒྱད་ཀྱི། །ལྟེ་བར་ཁྱབ་འཇུག་གིས་འཁྱུད་པའི། །ཚངས་མ་ དེ་ལ་ཕྱག་འཚལ་ལོ། །་འདབ་མ་ར་སཱ་བི་ཏྲི་དང་ནི། །པད་མིག་ཆུ་སྐྱེས་ཅན་མ་བློ། །ངག་གི་དབང་ཕྱུག་གཱ་ཡ་ཏྲི། །གློག་དང་དྲན་མ་ལ་ཕྱག་འཚལ། །་ཐམས་ཅད་སེར་མོ་ཞལ་བཞི་མ། །སྤྱན་གསུམ་ཕྱག་གཡས་པད་མ་དང། །ཚངས་དབྱུག་གཡོན་ ན་སྤྱི་བླུ་གས་སྣོད། །ཕྱག་བཞིས་འཛིན་ལ་ཕྱག་འཚལ་ལོ། །་ལྟེ་བར་གཙོ་མོ་ས་གའི་སྟབས། །ཡབ་ནི་ས་གའི་སྟབས་ཀྱིས་འཁྱུད། །འདབ་མའི་ལྷ་མོ་རོལ་པ་ཡི། །སྟབས་ཀྱིས་བཞུགས་ལ་ཕྱག་འཚལ་ལོ། །་གསུང་གི་དཀྱིལ་འཁོར་ཕྱི་རོལ་གྱི། ། སྟེགས་བུ་ཡི་ནི་ཤར་ཕྱོགས་སུ། །སྒྲོལ་མ་ལས་སྐྱེས་དབྱེ་འདོད་མ། །རེག་སྐྱེས་གོས་འདོད་མ་ལ་འདུད། །་ཙ་མུཎ་ཌ་སྐྱེས་ལུས་འཕྲུག་འདོད། །མཆིལ་མ་འདོར་འདོད་ཁྱབ་འཇུག་མ། །རབ་བརྩོན་མ་ལས་སྐྲོད་འདོད་མ། །གཡས་སུ་གནས་ལ་ཕྱག་ འཚལ་ལོ། །་སྔོན་མོ་ལས་སྐྱེས་ཀུན་གདུང་འདོད། །ལྕགས་སྒྲོག་མ་ལས་རེག་བྱ་འདོད། །ཁྱི་གདོང་མ་ལས་སྐྱེས་པ་ཡིས། །ཡན་ལག་ཀུན་བསྐྱོད་འདོད་མར་འདུད། །་བྱ་རོག་གདོང་མ་ལས་སྐྱེས་པའི། །ལྷག་མ་ཟ་བར་འདོད་མ་སྟེ། །སྒོ་ཡི་ གཡོན་ཕྱོགས་ལ་གནས་པའི། །ལྷ་མོ་བཞི་ལ་ཕྱག་འཚལ་ལོ། །་ལྷོ་ཡི་སྒོ་ཡི་གཡས་ཕྱོགས་སུ། །གོས་དཀར་ལས་སྐྱེས་སྐྱེད་འདོད་མ། །རོ་ལས་ཟས་འདོད་ཕག་མོ་ལས། །ལུས་ཀྱི་དྲི་མ་འདོད་ལ་འདུད། །་གཞོན་ནུ་མ་ལས་གར་འདོད་མ། ། རྨུགས་བྱེད་མ་ལས་སྐེམས་འདོད་མའོ། །གཡོན་དུ་འགུགས་འདོད་ཁྲོ་གཉེར་ཅན། །རྒྱུགས་འདོད་དྲག་ཅན་མ་ལ་འདུད། །་ཕག་གདོང་མ་ལས་སྐྱེས་པ་ཡི། །བཤང་གཅི་ཟག་པར་འདོད་མ་དང། །བྱ་རྒོད་གདོང་ལས་གཡུལ་འདོད་མ། །ལྷ་མོ་བཞི་ [007A]༄༅། །ལ་ཕྱག་འཚལ་ལོ། །་བྱང་སྒོའི་གཡས་ཀྱི་ཁ་ཁྱེར་ལ། །མཱ་མ་ཀཱི་ལས་རྒྱས་འདོད་མ། །གཟུགས་ལས་སྐྱེས་པའི་རྒྱན་འདོད་མ། །དྲག་མོས་སྟན་འདོད་མ་ལ་འདུད། །་དཔལ་མོ་ལས་སྐྱེས་རྒྱལ་སྲིད་འདོད། །འཇམ་ པར་སྨྲ་འདོད་ང་རྒྱལ་མའོ། །གཡོན་དུ་སྒྲ་སྐྱེས་རོལ་མོ་འདོད། །ཙུན་དས་འཆིང་བར་འདོད་མར་འདུད། །་སྟག་གདོང་མ་ལས་རྩོད་མང་འདོད། །འུག་གདོང་མ་ལས་སྐྱེས་པ་ཡི། །བྱིས་པ་ཁྲོ་བར་འདོད་མ་སྟེ། །འདོད་མ་རྣམས་ལ་ཕྱག་འཚལ་ལོ། ། ་ནུབ་སྒོའི་གཡས་སུ་སྤྱན་མ་ལས། །རེངས་འདོད་མ་དང་དྲི་འདོད་དྲི། །མལ་སྟན་སྙེས་འདོད་དབང་མོ་ལས། །སྐྱེས་པ་དེ་ལ་ཕྱག་འཚལ་ལོ། །་ཆུ་ལས་རྒྱལ་འདོད་ཚངས་མ་སྟེ། །རེངས་བྱེད་མ་ལས་གཉེན་འདོད་མའོ། །གཡོན་དུ་ཆོས་ལས་ འཁྲིག་འདོད་མ། །འོད་ཅན་ཕུར་འདེབས་འདོད་ལ་འདུད། །་ལྕེ་སྤྱང་གདོང་མ་ལས་སྐྱེས་པའི། །སེམས་ཅན་བསླུ་བར་འདོད་མ་དང། །མཁའ་ལྡིང་གདོང་པ་ལས་སྐྱེས་པའི། །སྤྲུལ་འཆིང་འདོད་མ་ལ་ཕྱག་འཚལ། །་རྡོ་རྗེ་དབྱིངས་ཀྱི་ དབང་ཕྱུག་མས། །བསྐྱེད་པའི་གསོད་པར་འདོད་མ་དང། །སྣ་ཚོགས་ཡུམ་ལས་སྐྱེད་འདོད་མ། །ཀུན་གྱི་ཁྱབ་བྱེད་ལ་ཕྱག་འཚལ། །་སྐུ་ཡི་སྣམ་བུའི་ཤར་སྒོ་ཡི། །གཡས་སུ་ཡི་དྭགས་དམར་པོའི་སྟེང། །པད་དམར་ལྟེ་བར་སྲིན་མོ་ཡིས། ། འཁྱུད་པའི་བདེན་བྲལ་ལ་ཕྱག་འཚལ། །་རིམ་གསུམ་བཞི་བརྒྱད་བཅུ་དྲུག་པའི། །འདབ་མར་ཉ་ཉི་རྡོ་རྗེ་སོགས། །ལྷ་མོ་ཉི་ཤུ་བརྒྱད་ཀྱིས་བསྐོར། །སྐུ་མདོག་ནག་ལ་ཕྱག་འཚལ་ལོ། །་ཞལ་གཅིག་ཕྱག་གསུམ་ཕྱག་བཞི་པ། །གཡས་ན་ རལ་གྲི་གྲི་གུག་དང། །གཡོན་ན་ཕུབ་དང་ཐོད་པ་འཛིན། །ནག་པའི་ཟླ་བའི་ཚེས་ལ་འདུད། །་མེ་ཡི་མཚམས་སུ་རི་དྭགས་སྟེང། །བད་དཀར་ལྟེ་བར་རབ་གཏུམ་མས། །འཁྱུད་པའི་རླུང་ལྟ་འདབ་མ་ལ། །ཙ་ཙི་རྡོ་རྗེ་སོགས་ཕྱག་འཚལ། །་ནག་པོ་ཕྱག་ [007B] །ཡོངས་འདུའི་མེ་ཏོག་གཡས་ན་སྟེ། །གཡོན་ན་དབང་སྔོན་ཨུཏྤལ་སྔོ། །ས་གའི་ཟླ་བའི་ཚེས་ལ་འདུད། །་ལྷོ་སྒོའི་གཡས་སུ་ལུག་གི་སྟེང། །པད་དམར་ལྟེ་བར་ཆུ་ལྷ་མོས། །འཁྱུད་པའི་མེ་ལྷ་འདབ་མ་ལ། །ཎ་ཎི་རྡོ་རྗེ་སོགས་ཕྱག་འཚལ། ། ་དམར་པོ་ཞལ་གཅིག་ཕྱག་བཞི་སྟེ། །གཡས་ན་ཤ་ཀ་ཏི་དབྱུག་པ་འཛིན། །གཡོན་ན་པད་མ་སྤྱི་བླུག་བསྣམས། །སྣྲོན་གྱི་ཟླ་བའི་ཚེས་ལ་འདུད། །་བདེན་བྲལ་མཚམས་སུ་རྨ་བྱའི་སྟེང། །པད་དཀར་ལྟེ་བར་དཔལ་མོ་ཡིས། །འཁྱུད་པའི་གདོང་དྲུག་ འདབ་མ་ལ། །ཊཱ་ཊཱི་རྡོ་རྗེ་སོགས་ཕྱག་འཚལ། །་དམར་པོ་ཞལ་དྲུག་ཕྱག་བཞི་པ། །གཡས་ན་ཤ་ཀྟི་མདུང་འཛིན་ཅིང། །གཡོན་ན་རིན་ཆེན་མེ་ལོང་བསྣམས། །ཆུ་སྟོད་ཟླ་བའི་ཚེས་ལ་འདུད། །་བྱང་སྒོའི་གཡས་སུ་ཆུ་སྲིན་སྟེང། །པད་དམར་ལྟེ་བར་ཕག་མོ་ ཡིས། །འཁྱུད་པའི་རྒྱ་མཚོ་འདབ་མ་ལ། །མ་མི་རྡོ་རྗེ་སོགས་ཕྱག་འཚལ། །་དཀར་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་ན་ཞགས་པ་རིན་ཆེན་འཛིན། །གཡོན་ན་སྦྲུལ་ཞགས་ཆུ་ཤེལ་བསྣམས། །གྲོ་བཞིན་ཟླ་བའི་ཚེས་ལ་འདུད། །་དབང་ལྡན་ མཚམས་སུ་བྱི་བའི་སྟེང། །པད་དཀར་ལྟེ་བར་གཞོན་ནུ་མས། །འཁྱུད་པའི་ཚོགས་བདག་འདབ་མ་ལ། པཱ་པཱི་རྡོ་རྗེ་སོགས་ཕྱག་འཚལ། །་དཀར་པོ་ཞལ་གཅིག་ཕྱག་བཞི་པ། །གཡས་ན་དགྲ་སྟ་རྡོ་རྗེ་འཛིན། །གཡོན་ན་ཞགས་པ་རིན་པོ་ཆེ། །ཁྲུམས་ཀྱི་ ཟླ་བའི་ཚེས་ལ་འདུད། །་ནུབ་སྒོའི་གཡས་སུ་གླང་པོའི་སྟེང། །པད་དམར་ལྟེ་བར་རླུང་ལྷ་མོས། །འཁྱུད་པའི་དབང་པོ་འདབ་མ་ལ། །ན་ནི་རྡོ་རྗེ་སོགས་ཕྱག་འཚལ། །་ཐམས་ཅད་སེར་པོ་ཞལ་གཅིག་པ། །ཕྱག་བཞི་གཡས་ན་རྡོ་རྗེ་མདའ། །གཡོན་ ན་དྲིལ་བུ་གཞུ་འཛིན་པའི། །ཐ་སྐར་ཟླ་བའི་ཚེས་ལ་འདུད། །་རླུང་གི་མཚམས་སུ་ངང་པའི་སྟེང། །པད་དཀར་ལྟེ་པར་གློག་མ་ཡིས། །འཁྱུད་པའི་ཚངས་པ་འདབ་མ་ལ། །ཏཱ་ཏཱི་རྡོ་རྗེ་སོགས་ཕྱག་འཚལ། །་ཀུན་ཀྱང་སེར་པོ་ཞལ་བཞི་པ། །ཕྱག་བཞི་གཡས་ན་ [008A]༄༅། །ཁབ་བགྲང་ཕྲེང། །གཡོན་ན་པད་མ་སྤྱི་བླུག་འཛིན། །སྨིན་དྲུག་ཟླ་བའི་ཚེས་ལ་འདུད། །་བྱང་སྒོའི་གཡོན་དུ་ཁྱུ་མཆོག་སྟེང། །པད་དམར་ལྟེ་བར་རི་སྲས་མས། །འཁྱུད་པའི་དྲག་པོ་འདབ་མ་ལ། །ཀ་ཀི་རྡོ་རྗེ་སོགས་ཕྱག་ འཚལ། །་ཐམས་ཅད་ཞལ་གཅིག་ཕྱག་བཞི་སྔོ། །གཡས་ན་རྩེ་གསུམ་མདའ་གཡོན་ན། །སྒྲུལ་བཅས་ཁ་ཊཱཾ་ག་དང་གཞུ། །མགོ་ཡི་ཟླ་བའི་ཚེས་ལ་འདུད། །་ནུབ་སྒོའི་གཡོན་དུ་གླང་ཆེན་སྟེང། །པད་དམར་ལྟེ་བར་ནོར་དབང་མོས། །འཁྱུད་ པའི་གནོད་སྦྱིན་འདབ་མ་ལ། །སཱ་སཱི་རྡོ་རྗེ་སོགས་ཕྱག་འཚལ། །་ཐམས་ཅད་སྔོན་པོ་ཞལ་གཅིག་པ། །གཡས་ན་ནོར་བུ་བེ་ཅོན་འཛིན། །གཡོན་ན་ནེ་ལེ་པད་མ་བསྣམས། །རྒྱལ་གྱི་ཟླ་བའི་ཚེས་ལ་འདུད། །་ཤར་སྒོའི་གཡོན་དུ་མཁའ་ལྡིང་སྟེང་ པད་དམར་ལྟེ་བར་དཔལ་མོ་ཡིས། །འཁྱུད་པའི་ཁྱབ་འཇུག་འདབ་མ་ལ། །ང་ངི་རྡོ་རྗེ་སོགས་ཕྱག་འཚལ། །་ལྗང་ཁུ་ཞལ་གཅིག་ཕྱག་བཞི་གཡས། །འཁོར་ལོ་དབྱུག་ཐོ་གཡོན་པ་ན། །པད་མ་སྐྱེ་བ་ལྔ་པའི་དུང། །མཆུ་ཡི་ཟླ་བའི་ཚེས་ལ་ འདུད། །་ལྷོ་སྒོའི་གཡོན་དུ་མ་ཧེའི་སྟེང། །པད་དམར་ལྟེ་བར་གཤིན་རྗེ་མས། །འཁྱུད་པའི་གཤིན་རྗེ་འདབ་མ་ལ། །ཀཱ་ཀཱི་རྡོ་རྗེ་སོགས་ཕྱག་འཚལ། །་ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ། །གཡས་ན་དབྱུག་པ་རལ་གྲི་འཛིན། །གཡོན་ན་ལྕགས་ སྒྲོག་ཞགས་པ་བསྣམས། །དཔོ་ཡི་ཟླ་བའི་ཚེས་ལ་འདུད། །་པད་མའི་ལྟེ་བར་གཙོ་བོ་རྣམས། །རྡོ་རྗེའི་གདན་གྱིས་གནས་པ་སྟེ། །འདབ་མའི་ལྷ་མོ་རོལ་པ་ཡི། །སྟབས་ཀྱིས་བཞུགས་ལ་ཕྱག་འཚལ་ལོ། །་ཤར་སྒོར་ཕག་བདུན་ཤིང་རྟའི་སྟེང། ། འོད་ཟེར་ཅན་མ་སྐུ་མདོག་སེར། །གཡས་ན་འཁོར་ལོ་དབྱུག་པ་གཡོན། །དུང་དང་རིན་ཆེན་འཛིན་ཕྱག་འཚལ། །་དེ་ཡིས་འཁྱུད་པ་དབྱུག་སྔོན་ཅན། །སྐུ་མདོག་ནག་པོ་ཕྱག་བཞི་པ། །གཡས་ན་རལ་གྲི་རྡོ་རྗེ་གཡོན། །ཕུབ་སྦྲུལ་ [008B] །་ལྷོ་སྒོར་རྟ་བདུན་ཤིང་རྟའི་སྟེང། །ཙུན་ད་དཀར་མོ་ཕྱག་བཞི་པ། །གཡས་པས་ཐོ་བ་མདུང་གཡོན་ན། །པད་མ་མེ་ལོང་འཛིན་ལ་འདུད། །་དེ་ཡིས་འཁྱུད་པའི་འདོད་རྒྱལ་པོ། །སྐུ་མདོག་དམར་པོ་ཕྱག་བཞི་ པ། །གཡས་ན་མདའ་དང་ལྕགས་ཀྱུ་གཡོན། །གཞུ་དང་ཞགས་པ་འཛིན་ལ་འདུད། །་བྱང་སྒོར་སེང་བདུན་ཤིང་རྟའི་སྟེང། །འདོད་རྒྱལ་ལྟ་བུའི་ཁྲོ་གཉེར་མས། །འཁྱུད་པའི་ཁྲོ་བོ་མི་གཡོ་བ། །ཙུན་ད་ལྟ་བུ་ལ་ཕྱག་འཚལ། །་ནུབ་སྒོར་གླང་བདུན་ ཤིང་རྟའི་སྟེང། །དབྱུག་སྔོན་ལྟ་བུའི་ལྕགས་སྒྲོག་མས། །འཁྱུད་པའི་ཁྲོ་བོ་སྟོབས་པོ་ཆེ། །འོད་ཟེར་ཅན་འདྲ་ལ་ཕྱག་འཚལ། །་སྟེང་དུ་མཁའ་ལྡིང་ཤིང་རྟའི་སྟེང། །ཤིན་ཏུ་སྔོན་མོ་ཕྱག་བཞི་མ། །གཡས་ན་གྲི་གུག་རྡོ་རྗེ་གཡོན། །ཐོད་པ་དྲིལ་ བུ་འཛིན་ལ་འདུད། །་དེ་ཡིས་འཁྱུད་པའི་གཙུག་ཏོར་ཅན། །ལྗང་ཁུ་ཕྱག་བཞི་གཡས་དགྲ་སྟེ། །རྩེ་གསུམ་གཡོན་ན་སྦྲུལ་ཞགས་དང། །ཁ་ཊཱཾ་ག་འཛིན་ལ་ཕྱག་འཚལ། །་འོག་ཏུ་སེང་གེ་རྐང་བརྒྱད་པ། །ཤིང་རྟའི་སྟེང་དུ་དྲག་ཅན་མ། །གཙུག་ ཏོར་ལྟ་བུས་འཁྱུད་པ་ཡི། །གནོད་མཛེས་སྔོན་མོ་འདྲ་ལ་འདུད། །་ཀུན་ཀྱང་ཞལ་གཅིག་ཕྱག་བཞི་པ། །ཁྲོ་བོ་གཡས་བརྐྱང་སྟབས་ཀྱིས་གནས། །ཁྲོ་མོ་གཡོན་བརྐྱང་གིས་འཁྱུད་པའི། །སྒོ་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །་སྐུ་ཡི་དཀྱིལ་འཁོར་ ཁ་ཁྱེར་ལ། །ཕྱིར་འདོད་མ་ནི་སུམ་ཅུ་དྲུག་གསོད་དང་བསྐྱེད་པ་ཕྱིར་འདོད་ནི། །ཁྱབ་བྱེད་བཅས་ལ་ཕྱག་འཚལ་ལོ། །་ཤར་གྱི་རྟ་བབས་ཀ་བའི་འོག་གཡོན་གཡས་རླུང་ལ་པད་མ་དང། །སྟོབས་རྒྱུ་ནག་པོ་ལྕེ་སྤྱང་གདོང། །མཁའ་ལྡིང་གདོང་ མས་འཁྱུད་ལ་འདུད། །་ལྷོ་རུ་མེ་ཡི་དཀྱིལ་འཁོར་ལ། །ནོར་རྒྱས་བུ་དང་དུང་སྐྱོང་དམར། །སྟག་གདོང་མ་དང་འུག་གདོང་མ། །དཀར་མོས་འཁྱུད་ལ་ཕྱག་འཚལ་ལོ། །་བྱང་དུ་ཆུ་ཡི་དཀྱིལ་འཁོར་སྟེང། །མཐའ་ཡས་རིགས་ [009A]༄༅། །ལྡན་དཀར་པོ་ལ། །ཕག་གདོང་མ་དང་བྱ་རྒོད་གདོང། །དམར་པོས་འཁྱུད་ལ་ཕྱག་འཚལ་ལོ། །་ནུབ་ཏུ་ས་ཡི་དཀྱིལ་འཁོར་ལ། །འཇོག་པོ་དང་ནི་པད་ཆེན་སེར། །ཁྱི་གདོང་མ་དང་བྱ་རོག་གདོང། ། ནག་མོས་འཁྱུད་ལ་ཕྱག་འཚལ་ལོ། །་སྟེང་དུ་ནམ་མཁའི་དཀྱིལ་འཁོར་ལ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །རྒྱལ་བ་ལྗང་ཁུ་རྡོ་རྗེའི་མིག་སྔོན་མོས་འཁྱུད་ལ་ཕྱག་འཚལ་ལོ། །་འོག་ཏུ་ཡེ་ཤེས་དཀྱིལ་འཁོར་ལ། །གདེངས་ ཀ་བདུན་དང་ལྡན་པ་ཡི། །རྣམ་པར་རྒྱལ་བ་སྔོན་པོ་ལ། །སྔོན་མོས་འཁྱུད་ལ་ཕྱག་འཚལ་ལོ། །་ཀླུ་བརྒྱད་གདེངས་ཀ་ལྔ་དང་ལྡན། །ཡབ་རྣམས་ཞལ་གཅིག་ཕྱག་བཞི་པ། །གཡས་ན་བདུད་རྩིའི་བུམ་པ་དང། །རྡོ་རྗེ་བ་སྣམས་ལ་ཕྱག་ འཚལ་ལོ། །་གཡོན་ན་པད་མ་རིན་ཆེན་བསྣམས། །རྡོ་རྗེའི་གདན་གྱིས་བཞུགས་པ་ལ། །ཡུམ་རྣམས་པད་མའི་གདན་གྱིས་འཁྱུད། །རྡོ་རྗེའི་རྐང་སོར་ལ་ཕྱག་འཚལ། །་རླུང་དང་མེ་ཡི་དཀྱིལ་འཁོར་གྱི། །དབུས་སུ་དུར་ཁྲོད་ཆེན་པོའི་ཤར། ། བསེ་སྟེང་འཁོར་ལོ་དམར་པོ་ཡི། །ལྟེ་བའི་གཏུམ་མོ་ལ་ཕྱག་འཚལ། །་ཁྱི་གདོང་མ་ནི་སྐུ་མདོག་ནག་འཇོག་པོ་སེར་པོས་རབ་ཏུ་འཁྱུད། །གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན། །གཏུམ་མོ་དེ་ལ་ཕྱག་འཚལ་ལོ། །་མེ་མཚམས་བེ་རུ་ཎྜ་ ཡི་སྟེང། །འཁོར་ལོ་དཀར་པོའི་ལྟེ་བ་ལ། །བྱ་རོག་གདོང་མ་སྐུ་མདོག་ནག་པད་མ་ཆེན་པོས་འཁྱུད་ལ་འདུད། །་ལྷོ་ཡི་ཕྱོགས་སུ་དོམ་གྱི་སྟེང། །འཁོར་ལོ་དམར་པོའི་ལྟེ་བ་ལ། །ཕག་གདོང་མ་ནི་སྐུ་མདོག་དམར། །མཐའ་ཡས་དཀར་ པོས་འཁྱུད་ལ་འདུད། །་བདེན་བྲལ་མཚམས་སུ་ཁྲུང་ཁྲུང་སྟེང། །འཁོར་ལོ་དཀར་པོའི་ལྟེ་བ་ལ། །བྱ་རྒོད་གདོང་མ་དམར་མོ་ལ། །རིགས་ལྡན་དཀར་པོས་འཁྱུད་ལ་འདུད། །་བྱང་གི་ཕྱོགས་སུ་འབྲི་ཡི་སྟེང། །འཁོར་ལོ་དམར་པོའི་ལྟེ་བ་ [009B] །སྟག་གདོང་མ་ནི་དཀར་མོ་ལ། །ནོར་རྒྱས་བུ་ཡིས་འཁྱུད་ལ་འདུད། །་དབང་ལྡན་མཚམས་སུ་བཤང་གདོང་སྟེང། །འཁོར་ལོ་དཀར་པོའི་ལྟེ་བ་ལ། །འུག་གདོང་མ་ནི་སྐུ་མདོག་དཀར། །དུང་སྐྱོང་དམར་པོས་འཁྱུད་ལ་འདུད། །་ནུབ་ཀྱི་ཕྱོགས་སུ་སེང་གེའི་སྟེང། ། འཁོར་ལོ་དམར་པོའི་ལྟེ་བ་ལ། །ལྕེ་སྤྱང་གདོང་མ་སྐུ་མདོག་སེར། །པད་མ་ནག་པོས་འཁྱུད་ལ་འདུད། །་རླུང་གི་མཚམས་སུ་མིག་སྔོན་སྟེང། །འཁོར་ལོ་དཀར་པོའི་ལྟེ་བ་ལ། །མཁའ་ལྡིང་མ་ནི་སྐུ་མདོག་སེར། །སྟོབས་རྒྱུ་ནག་པོས་འཁྱུད་ལ་འདུད། །་ ས་འོག་རྐང་པ་བརྒྱད་པ་ཡི། །ཤིང་རྟའི་སྟེང་དུ་རྡོ་རྗེ་མིག་སྐུ་མདོག་སྔོན་མོ་རྒྱལ་བ་ཡིས། །འཁྱུད་པ་དེ་ལ་ཕྱག་འཚལ་ལོ། །་ནམ་མཁར་མཁའ་ལྡིང་མདོག་ལྔ་པ། །མིག་གསུམ་ལྡན་པའི་ཤིང་རྟའི་སྟེང། །སྔོན་མོ་ལྗང་ཁུ་རྣམ་པར་རྒྱལ། །སྔོན་པོས་ འཁྱུད་ལ་ཕྱག་འཚལ་ལོ། །་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མ། །གཡས་གཡོན་གྲི་གུག་ཐོད་པ་འཛིན། །གཅེར་བུ་ཕྱག་རྒྱ་ལྔ་ཡིས་བརྒྱན། །རྡོ་རྗེའི་ལག་སོར་ལ་ཕྱག་འཚལ། །་ཀུན་ཀྱང་མགོ་ཕྲེང་དོ་ཤལ་ཅན། །ཟླུམ་པོའི་སྟབས་ཀྱིས་བཞུགས་པ་ ལ། །ཡབ་རྣམས་ཟླུམ་པོའི་སྟབས་ཀྱིས་འཁྱུད། །གཏུམ་མོ་རྣམས་ལ་ཕྱག་འཚལ་ལོ། །་དག་པའི་ཡེ་ཤེས་གཅིག་ལས་ནི། །དངོས་སུ་ལྷ་རུ་སྣང་བའི་གྲངས། །དྲུག་བརྒྱ་སུམ་ཅུ་རྩ་དྲུག་དང། །མཚན་མ་བུམ་པར་བཅས་ལ་འདུད། །་ཕྱི་རོལ་རླུང་གི་ འཁོར་ཡུག་ལ། །རྡོ་རྗེ་ཟླ་བ་ཉི་མ་དང། །མིག་དམར་ལྷག་པ་ཕུར་བུ་དཀར། །སྤེན་པ་མཇུག་རིང་ལ་ཕྱག་འཚལ། །་རྡོ་རྗེ་སྒྲ་གཅན་དུས་ཀྱི་མེ། །བརྟན་པ་དང་ནི་རི་བྱི་དང། །རྒྱུ་སྐར་ཀུན་དང་བཅུ་གཉིས་ཁྱིམ། །ཆ་ཤས་བཅུ་དྲུག་ལ་ཕྱག་འཚལ། །་ ཕྱོགས་བཅུ་སྐྱོང་བ་རྣམས་དང་ནི། །རྡོ་རྗེ་དགའ་བྱེད་དབང་ཕྱུག་དང། །རྡོ་རྗེ་ནག་པོ་ཆེན་པོ་དང། །དྲིལ་བུའི་རྣ་བ་ཅན་ལ་འདུད། །་བཧྲིང་གི་ཎ་དང་ཞིང་སྐྱོང་ཀུན། །ཕོ་ཉ་མོ་དང་འཕྲོག་མའི་ཚོགས། །གྲུབ་པ་རྣམས་དང་འབྱུང་པོའི་ཚོགས། །བྱེ་བ་ཕྱེད་དང་བཞི་ [010A]༄༅། །ཕྱག་འཚལ། །་རྟ་བབས་སོ་སོ་ལ་གནས་པའི། །ལྷ་མོའི་ཚོགས་རྣམས་ཐམས་ཅད་དང། །འདོད་ཡོན་སྣམ་བུ་ལ་གནས་པའི། །གཟུངས་མའི་ཚོགས་ལའང་ཕྱག་འཚལ་ལོ། །་སྐུ་ཡི་དཀྱིལ་འཁོར་རྟ་བབས་ཤར། །བརྩེགས་ མ་དང་པོའི་དབུས་སུ་ནི། །ཆོས་འཁོར་ནག་པོ་གཡས་གཡོན་དུ། །རི་དྭགས་ཕོ་མོས་བརྒྱན་ལ་འདུད། །་ལྷོ་ཡི་ཕྱོགས་ཀྱི་རྟ་བབས་ལ། །དབུས་སུ་བུམ་པ་དམར་པོ་སྟེ། །གཡས་གཡོན་དུང་དང་པད་མས་བརྒྱན། །རྣམ་དག་གསུང་ལ་ཕྱག་འཚལ་ལོ། །་ བྱང་གི་ཕྱོགས་ཀྱི་རྟ་བབས་ལ། །རྔ་བོ་ཆེ་ནི་དཀར་པོའི་མདོག་གཡས་གཡོན་དབྱུག་པ་ཐོ་བས་བརྒྱན། །རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །་ནུབ་ཏུ་བྱང་ཆུབ་ཤིང་སེར་པོ། །གཡས་དང་གཡོན་དུ་མིའམ་ཅི། །མིའམ་ཅི་མོས་བརྒྱན་པ་ཡི། །རྣམ་དག་ཡེ་ ཤེས་ལ་ཕྱག་འཚལ། །་དཔལ་ལྡན་བླ་མ་དམ་པ་དང། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་དང། །རྒྱལ་བ་སྲས་བཅས་མ་ལུས་ཀུན། །མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད། །་རོལ་མོ་གར་མ་དྲི་མ་ཕྲེང། །བདུག་སྤོས་མར་མེ་ལྷ་བཤོས་མ། །མ་ ཉམས་འབྲས་བུ་སྒེག་བཞད་གླུ། །འདོད་མ་ནམ་མཁའ་གང་བས་མཆོད། །་ནོར་བུ་དབང་སྔོན་ལ་སོགས་དང། །རིན་ཆེན་གསེར་གྱི་མེ་ཏོག་གིས། །རབ་འབྱམས་ཞིང་རྣམས་ཡོངས་བཀང་སྟེ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །་ཁ་དོག་ལྔ་ཡིན་ བཟའ་དང། །དྲི་དང་སྤོས་དང་མར་མེ་དང། །དྲིལ་བུ་མེ་ལོང་བླ་རེ་དང། །རྣམ་མང་འབྲས་བུ་རྣམས་ཀྱང་འབུལ། །་ཁ་དོག་ལྔ་ཡི་བ་དན་དང། །གར་དང་རོལ་མོ་རྣམ་བཀྲ་བ། །རིན་ཆེན་བུམ་པ་གང་བ་ཡང། །རབ་ཏུ་དང་བས་དབུལ་བར་བགྱི། །་ནང་གི་རྫས་ བཅུ་རྣམ་དག་པའི། །མཆོད་ཡོན་ལ་སོགས་མཆོད་པ་བཅུ། །ཟག་མེད་འབྱོར་པ་ལས་བྱུང་བས། །སྲིད་གསུམ་མཐའ་དག་བཀང་སྟེ་འབུལ། །་བདུད་རྩི་ལྔ་དང་སྒྲོན་མ་ལྔ། །ཤེས་རབ་རང་བཞིན་མྱོས་བྱེད་ལྡན། །ཟག་མེད་བདེ་བ་རྒྱས་པའི་རྒྱུར། །དམིགས་མེད་ [010B] །་གསང་བའི་ཕྱག་རྒྱ་གང་ཡིན་པ། །མཆོག་གི་ཕྱག་རྒྱར་རབ་ཏུ་སྦྱོར། །ལས་དང་ཆོས་ཀྱི་ཕྱག་རྒྱར་ལྡན། །རྡོ་རྗེའི་མཆོད་པས་རྟག་ཏུ་མཆོད། །་དེ་ལས་གཞན་ཡང་མཆོད་པའི་ཚོགས། །རབ་འབྱམས་ཞིང་ན་གང་ཡོད་པ། ། བློ་ཡིས་བླངས་ནས་དབུལ་བར་བགྱི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །་ཐོག་མེད་དུས་ནས་ད་ལྟའི་བར། །ཆགས་དང་ཞེ་སྡང་གཏི་མུག་གིས། །བགྱིས་དང་བགྱིད་སྩལ་ཡི་རང་བའི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །་མི་ཤེས་པ་ལ་ སོགས་པའི་རྒྱུས། །རང་བཞིན་ཁ་ན་མ་ཐོ་དང། །བཅས་པ་དང་འགལ་ལྟུང་བ་དང། །ཉེས་བྱས་ཐམས་ཅད་སོ་སོར་བཤགས། །་དཔལ་ལྡན་བླ་མའི་ཐུགས་སུན་ཕྱུང། །དེ་ཡི་བཀའ་འགོངས་སྤུན་ལ་ཁྲོས། །བྱམས་པ་བཏང་དང་བྱང་སེམས་སྤངས། ། གྲུབ་མཐའ་སྨད་དང་གསང་བ་བྱིན། །་ཕུང་པོ་ཉོན་མོངས་དག་ཆོས་ལ། །མ་དད་སྒྱུ་ཡི་བྱམས་ལ་དང། །མིང་སོགས་བྲལ་བའི་བདེ་ལ་རྟོག་དག་པའི་སེམས་ཅན་ལ་སྐྱོན་བརྗོད། །་ཚོགས་ཀྱི་འཁོར་ལོ་དམ་ཚིག་སྤོང། །བུད་མེད་ཐམས་ཅད་ལ་ སྨོད་པའི། །རྩ་ལྟུང་བཅུ་བཞི་གང་བགྱིས་པ། །རབ་ཏུ་འགྱོད་པས་སོ་སོར་བཤགས། །་གཞན་ཡང་ཡན་ལག་ཉེས་པ་དང། །སྦོམ་པོའི་ལྟུང་བ་ལ་སོགས་པ། །རྡོ་རྗེ་ཐེག་དང་འགལ་བ་ཡི། །ཉེས་བྱས་ཐམས་ཅད་སོ་སོར་བཤགས། །་རྫོགས་ སངས་རྒྱས་དང་བྱང་ཆུབ་སེམས། །འཕགས་པ་རྣམས་ཀྱི་དགེ་ཚོགས་དང། །གཞན་ཡང་དགེ་བ་ཐམས་ཅད་ལ། །མངོན་པར་དགའ་བས་ཡི་རང་ངོ། །་ཉོན་མོངས་ནད་ཀྱིས་གདུངས་པ་ཡི། །སྐྱེ་བོ་བདེ་བ་གསོ་བྱའི་ཕྱིར། །རྡོ་རྗེ་ཐེག་པའི་བདུད་རྩི་ ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །་མ་རྟོགས་འཁོར་བའི་སྡུག་བསྔལ་ལས། །མྱ་ངན་འདའ་བཞེད་སྤངས་ནས་ནི། །རྨོངས་མེད་འཁོར་བ་དག་ཚུལ་གྱིས། །བསྐལ་པ་མཐའ་ཡས་བཞུགས་སུ་གསོལ། །་སངས་རྒྱས་སློབ་དཔོན་ [011A]༄༅། །དབང་མཆོག་ཐོབ། །དེས་བསྟན་ཐབས་ཤེས་དབྱེར་མེད་ཆོས། །དེར་གནས་དགེ་འདུན་རྣམ་གཉིས་ལ། །རབ་ཏུ་དང་བས་སྐྱབས་སུ་མཆི། །་བླ་མ་སངས་རྒྱས་སྲས་བཅས་ལ། །བདག་ཉིད་རྣམ་པ་ཀུན་དུ་འབུལ། ། ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བྲན་དང་འབངས་སུ་གཟུང་དུ་གསོལ། །་བདག་གི་དུས་གསུམ་དགེ་བ་རྣམས། །རང་དོན་དྲི་མས་མ་གོས་པར། །སྲིད་གསུམ་སེམས་ཅན་མ་ལུས་པ། །སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག་་དུས་འདི་ནས་བཟུང་ བྱང་ཆུབ་བར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང། །བསམ་པ་རྣམ་པར་དག་པར་བསྐྱེད། །བདག་དང་བདག་གིར་འཛིན་པ་སྤངས། །་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཐབས་སྨོན་ལམ། །སྟོབས་དང་ཡེ་ཤེས་ཕ་ རོལ་ཕྱིན། །ཚོགས་གསུམ་དོན་དུ་བསྒྲུབ་པར་བགྱི། །་སེམས་ཅན་བདེ་དང་ལྡན་པ་དང། །དུཿ་ཁ་དང་ནི་བྲལ་བ་དང། །བདེ་ལ་རྟག་ཏུ་གནས་པར་དགའ། །མཉམ་ཉིད་བཏང་སྙོམས་བསྒོམ་པར་བགྱི། །་སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། ། སྙན་པར་སྨྲ་བའི་གཏམ་བྱས་ནས། །དོན་སྤྱོད་པ་ཡི་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བགྱི། །་ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་ལས་ནི་རྣམ་གསུམ་སྟེ། །མི་དགེ་བཅུ་པོ་སྤང་བར་བགྱི། །་ བསླབ་པ་གསུམ་ལ་སྒྲིབ་པ་ཡི། །འགྱོད་དང་རྨུགས་པ་གཉིད་དང་ནི། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་སྤང་བར་བགྱི། །་འདོད་ཆགས་དང་ནི་ཞེ་སྡང་དང། །གཏི་མུག་དང་ནི་ང་རྒྱལ་ཏེ། །སྲིད་པའི་རྩ་བར་གྱུར་པ་ཡི། །ཉོན་མོངས་བཞི་པོ་ སྤང་བར་བགྱི། །་འདོད་པའི་ཟག་དང་སྲིད་པའི་ཟག་མ་རིག་པ་ཡི་ཟག་པ་དང། །ལྟ་བའི་ཟག་སྟེ་འཁོར་བའི་རྒྱུ། །ཟག་པ་བཞི་པོ་སྤང་བར་བགྱི། །་སྟོང་པ་ཉིད་དང་མཚན་མ་མེད། །སྨོན་མེད་མངོན་པར་འདུས་མ་བྱས། །རྣམ་པར་ཐར་པ་སྒོ་བཞི་ [011B] །རྫོགས་པའི་སངས་རྒྱས་བསྒྲུབ་པར་བགྱི། །་འདོད་པའི་རྡོ་རྗེའི་རིགས་ལ་ནི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང། །སངས་རྒྱས་ཀུན་མཚུངས་བླ་མ་དག། །སྤྱི་བོས་དུས་ཀུན་གཟུང་བར་བགྱི། །་རིན་ཆེན་ལྕགས་ཟངས་བ་གླང་རྟ། །གླང་ཆེན་བུ་མོ་ནོར་ འཛིན་དང། །འདོད་པའི་ཆུང་མ་རང་གི་ཤ། །རིན་ཆེན་རིགས་ལ་རྟག་ཏུ་སྦྱིན། །་རྣམ་པར་སྣང་མཛད་རིགས་མཆོག་ལ། །ཤ་ལྔ་བདུད་རྩི་ལྔ་བཟའ་བ། །ཕུང་པོ་ལྔ་དང་དབང་པོའི་ཚོགས། །བསྲུང་བའི་དམ་ཚིག་བསྐྱང་བར་བགྱི། །་རལ་གྲིའི་རིགས་ལ་ གནས་པ་ཡིས། །བླ་མ་སངས་རྒྱས་བྱང་ཆུབ་སེམས། །དེ་ལས་གཞན་པ་རྣམས་ལ་ཡང། །ཡོ་བྱད་ཀུན་གྱིས་མཆོད་པར་བགྱི། །་པད་མའི་རིགས་མཆོག་ལ་གནས་པས། །རིགས་དང་རིགས་མིན་མངོན་བགྲོད་ཀྱང། །བྱང་སེམས་འཛག་པ་མེད་པ་ཡི། ། ཚངས་སྤྱོད་སྡོམ་པ་བསྐྱང་བར་བགྱི། །་རྡོ་རྗེ་སེམས་དཔའ་རིགས་མཆོག་ལ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །་བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བྱང་ ཆུབ་སྙིང་པོའི་བར། །སྡོམ་པ་འདི་རྣམས་དུས་ཀུན་དུ། །ཉམས་པ་མེད་པར་འགྲུབ་གྱུར་ཅིག་་འཚེ་རྫུན་གཞན་གྱི་བུད་མེད་འཕྲོག་གཞན་ནོར་ལེན་དང་ཆང་འཐུང་སྟེ། །རང་གི་དགེ་བ་འཇོམས་བྱེད་པའི། །སྡིག་པ་ལྔ་པོ་སྤང་བར་བགྱི། །་ ཆོ་ལོ་ཁ་ན་མ་ཐོའི་ཟས། །ཚིག་ངན་ཀློག་དང་འབྱུང་པོའི་ཆོས། །ལྷ་མིན་ཆོས་ཏེ་ཉེ་བ་ཡི། །སྡིག་པ་ལྔ་པོ་སྤང་བར་བགྱི། །་བ་ལང་བྱིས་པ་བུད་མེད་དང། །སྐྱེས་པ་གསོད་དང་ལྷ་མི་ཡི། །བླ་མ་མཆོད་རྟེན་སྐུ་གཟུགས་སོགས། །བཤིག་པ་རྣམས་ ཀྱང་སྤང་བར་བགྱི། །་གྲོགས་པོ་དང་ནི་རྗེ་བོ་དང། །སངས་རྒྱས་དང་ནི་དགེ་འདུན་དང། །ཡིད་བརྟན་པ་ལ་འཁུ་བ་སྟེ། །རྣམ་པ་ལྔ་པོ་མི་བྱའོ། །་དབང་པོ་ལྔ་རྣམས་ཡུལ་ལྔ་ལ། །ཆགས་པ་དག་ཀྱང་སྤང་བགྱི་སྟེ། །སྣ་ཚོགས་གཙོ་བོས་གསུངས་པ་ [012A]༄༅། །ཡི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བསྲུང། །་རྒྱལ་བས་དགོངས་ཏེ་གསུངས་པ་ཡི། །དྲང་བའི་དོན་དང་ངེས་དོན་གྱི། །དམ་ཚིག་དྲུག་ནི་དུས་ཀུན་ཏུ། །བདག་གིས་རྟག་ཏུ་བསྲུང་བར་བགྱི། །་རྡོ་རྗེ་ཐེག་པར་གསུངས་པ་ཡི། །དམ་ཚིག་ སྡོམ་པ་མ་ལུས་པ། །བདག་གིས་དུས་འདི་ནས་བཟུང་སྟེ། །བྱང་ཆུབ་བར་དུ་བསྐྱང་བར་བགྱི། །་དེ་ལྟར་བདག་གིས་ཕྱག་འཚལ་དང། །མཆོད་དང་སྡིག་བཤགས་ཡི་རང་དང། །བསྐུལ་དང་གསོལ་གདབ་སྐྱབས་སུ་འགྲོ་བདག་ཉིད་དབུལ་དང་དགེ་བ་ བསྔོ། །་དེ་བཞིན་ལམ་ལ་བརྟེན་པ་དང། །སྡོམ་པ་བརྟུལ་ཞུགས་དམ་ཚིག་གཟུང། །གཞན་ཡང་དུས་གསུམ་དགེ་བའི་ཚོགས། །མ་ལུས་གཅིག་ཏུ་བསྡུས་པའི་མཐུས། །་ནམ་མཁའི་མཐའ་ཀླས་སེམས་ཅན་རྣམས། །རྡོ་རྗེ་ཐེག་པའི་སྣོད་ གྱུར་ཏེ། །རིམ་པ་གཉིས་ཀྱི་ལམ་བསྟེན་ནས། །དུས་ཀྱི་འཁོར་ལོ་ཉིད་འགྱུར་ཤོག་་བསྐྱེད་པའི་རིམ་ལ་ལེགས་གནས་ཤིང། །སྔགས་ཀྱི་ནུས་པ་མཐར་ཕྱིན་ཏེ། །ཞི་སོགས་འཕྲིན་ལས་བཅུ་གཉིས་པོ། །ཐོགས་པ་མེད་པར་འགྲུབ་པར་ཤོག་་ རལ་གྲི་རེག་པ་བཅུད་ཀྱི་དབང། །བདུད་རྩིའི་འབྲས་བུ་རིལ་བུ་དང། །རོ་ཙན་དང་མིག་སྨན་དང། །རྐང་མགྱོགས་གྲུབ་ཆེན་བརྒྱད་ཐོབ་ཤོག་་འོག་མིན་གནས་ཀྱི་མཐར་ཐུག་པ། །འཇིག་རྟེན་པ་ཡི་དངོས་གྲུབ་མཆོག་ཕུན་སུམ་ཚོགས་པ་ཐམས་ ཅད་ཀུན། །འབད་པ་མེད་པ་འགྲུབ་པར་ཤོག་་དེས་ཀྱང་ཆོག་པར་མི་འཛིན་ཅིང། །ལྟོས་མེད་བཞི་དང་ལྡན་པ་ཡིས། །ཡིད་ཆེས་གསུམ་ལྡན་ཟབ་མོའི་ལམ། །རྫོགས་པའི་རིམ་པ་སྒོམ་པར་ཤོག་་ཐུགས་ཀྱི་རྡོ་རྗེ་ནམ་མཁར་བཞག་ཡུལ་ དང་ཡུལ་ཅན་འབྲེལ་བ་བཅད། །སྟོང་ཉིད་མངོན་སུམ་གྱུར་པ་ཡི། །སོ་སོར་སྡུད་པ་སྒོམ་པར་ཤོག་་ཤེས་རབ་རྟོག་དང་དཔྱོད་པ་དང། །དགའ་དང་གཡོ་མེད་བདེ་བ་ཡིས། །སྟོང་གཟུགས་རྟག་ཏུ་བརྟན་པར་སྒོམ། །བསམ་གཏན་ཡན་ལག་མངོན་ [012B]་གཡས་གཡོན་ཉི་ཟླའི་རྒྱུ་བ་གཉིས། །བཀག་ནས་དབུ་མའི་ལམ་དུ་ཞུགས། །དུས་མིན་འཆི་ལས་རྣམ་རྒྱལ་བའི། །སྲོག་རྩོལ་ཡན་ལག་མངོན་གྱུར་ཤོག་་ལྟེ་བ་སྙིང་ག་མགྲིན་པ་དང། །དཔྲལ་བ་ཐིག་ལེའི་གནས་རྣམས་སུ། ། སྲོག་ནི་འགྲོ་འོང་མེད་པར་འཛིན། །འཛིན་པའི་ཡན་ལག་མངོན་གྱུར་ཤོག་་གཏུམ་མོ་ཡེ་ཤེས་མེ་འབར་བས། །འདོད་པའི་ལྷ་མཐོང་གཟུགས་རྟོག་བྲལ། །འོད་འཕྲོའི་གཟུགས་ལས་ཁམས་གསུམ་སྤྲོ། །རྗེས་དྲན་ཡན་ལག་མངོན་གྱུར་ཤོག་ ་འདོད་པའི་ལྷ་ལ་རྗེས་ཆགས་པས། །ཤེས་དང་ཤེས་བྱ་དབྱེར་མེད་པའི། །མི་འགྱུར་བདེ་བ་རྩེ་གཅིག་པ། །ཏིང་འཛིན་ཡན་ལག་མངོན་གྱུར་ཤོག་་འབྱུང་བཞི་རིམ་གྱིས་སྟོང་པར་ཐིམ། །སྟོང་པ་མཚན་མ་རྣམ་བཅུར་འགྱུར། །མཚན་མ་རྣམ་ པ་ཀུན་ལྡན་གཟུགས། །གཟུགས་ཀྱང་མི་འགྱུར་བདེ་འགྱུར་ཤོག་་མི་འགྱུར་བདེ་བའི་ཡེ་ཤེས་ལས། །ནམ་མཁར་འགྲོ་སོགས་རྫུ་འཕྲུལ་དང། །ཁམས་གསུམ་དབང་ཕྱུག་དངོས་གྲུབ་མཆོག་ཚེ་འདི་ཉིད་ལ་འགྲུབ་པར་ཤོག་་རྣལ་འབྱོར་ གསུམ་གྱི་ལམ་ལ་བསླབ། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །སྤྱོད་པ་གསུམ་གྱིས་མཐར་ཕྱུང་སྟེ། །རྡོ་རྗེ་གསུམ་པོ་མངོན་གྱུར་ཤོག་་བསྙེན་སྒྲུབ་ཡན་ལག་བཞི་སྦྱངས་ཤིང། །རྡོ་རྗེ་བཞི་ཡི་དམ་ཚིག་བསྟེན། །གནས་སྐབས་བཞི་ཡི་འཁྲུལ་པ་ ཟད། །སྐུ་བཞི་མངོན་དུ་འགྱུར་བར་ཤོག་་ལམ་ལྔ་མ་ལུས་ལེགས་པར་བགྲོད། །སྤྱན་ལྔ་རིམ་གྱིས་མངོན་དུ་གྱུར། །ཕུང་པོ་ལྔ་ཡི་སྒྲིབ་པ་ཟད། །ཡེ་ཤེས་ལྔ་པོ་ཐོབ་པར་ཤོག་་ཡན་ལག་དྲུག་ལ་ལེགས་པར་སྦྱངས། །རིགས་དྲུག་དམ་ཚིག་སྡོམ་པ་ བསྟེན། །ཁམས་དྲུག་སྒྲིབ་པ་དང་བྲལ་བའི། །རིགས་དྲུག་དབྱེར་མེད་མངོན་གྱུར་ཤོག་་རྣལ་འབྱོར་གནས་སྐབས་བཅུ་པོ་བགྲོད། །ཕ་རོལ་ཕྱིན་པ་བཅུ་ལ་བསླབ། །དབང་བཅུ་སྟོབས་བཅུ་མངོན་གྱུར་ནས། །ཕྱི་ནང་རྣམ་བཅུ་དག་པར་ཤོག་་འཕོ་བ་བཅུ་ [013A]༄༅། །གཉིས་རྒྱུ་བ་འགག། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཟད། །རབ་དགའ་ལ་སོགས་བཅུ་གཉིས་ས། །ཚེ་འདི་ཉིད་ལ་བགྲོད་པར་ཤོག། །་བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག། །ཡོན་ཏན་ཀུན་ལྡན་ སངས་རྒྱས་ཉིད། །ཚེ་འདི་ཉིད་ལ་མྱུར་ཐོབ་ཤོག། །་རང་གི་སྔོན་གྱི་ཉེས་པ་ཡིས། །ཚེ་འདིར་བྱང་ཆུབ་མ་ཐོབ་ན། །རྒྱལ་དང་རྒྱལ་སྲས་ཐུགས་རྗེ་ཡིས། །འཕོས་མ་ཐག་ཏུ་ཐོབ་པར་མཛོད། །་འཆི་ཚེ་སངས་རྒྱས་བྱང་སེམས་དང། །དཔའ་བོ་རྣལ་ འབྱོར་མ་ཚོགས་ཀྱིས། །མཆོད་པ་རྣམ་པ་དུ་མ་ཡིས། །བསུས་ནས་མཁའ་སྤྱོད་འཁྲིད་པར་ཤོག། །་དེ་མ་ཐག་ཏུ་ཏིང་འཛིན་ཐོབ། །སྒྲིབ་པ་ཀུན་སྤངས་ཡོན་ཏན་རྫོགས། །ས་རྣམས་མཐར་ཕྱིན་སངས་རྒྱས་ཉིད། །སྐད་ཅིག་དེ་ལ་ཐོབ་པར་ཤོག། །་ ཅིས་ཀྱང་སྐྱེ་བ་བདུན་གྱི་བར། །རྡོ་རྗེ་འཆང་གི་གོ་འཕང་ཉིད། །གདོན་མི་ཟ་བར་འགྲུབ་གྱུར་ཅིག། །དེ་ནས་གཞན་དུ་མ་གྱུར་ཅིག། །་བདག་ཀྱང་སྐྱེ་བ་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད། །བླ་མ་ལ་གུས་སྙིང་རྗེར་ལྡན། །དུས་འཁོར་དམ་ ཚིག་ལ་གནས་ཤོག། །་རྡོ་རྗེ་དྲིལ་བུ་རྟག་ཏུ་འཆང། །ཟབ་ཅིང་རྒྱ་ཆེའི་ཆོས་འདོན་ཅིང། །དམ་ཚིག་བཞི་པོ་བསྟེན་པ་དང། །རིམ་གཉིས་ཟབ་ལམ་སྒོམ་པར་ཤོག། །་འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་དུས་ཀྱི་འཁོར་ལོ་དང། །རྨད་བྱུང་རྡོ་རྗེ་ཐེག་ པ་དང། །མི་འབྲལ་ཚུལ་བཞིན་སྒྲུབ་པར་ཤོག། །་སྒྲུབ་ལ་བར་ཆད་མི་འབྱུང་བར། །འདི་ནས་སྐྱེ་བདུན་ལ་སོགས་པར། །བླ་མ་དཔལ་ལྡན་དུས་འཁོར་གྱི། །ཞབས་རྡུལ་སྤྱི་གཙུག་གནས་པར་ཤོག། །་གང་ཚེ་མགོན་ལ་ལྟ་བ་དང། །ཅུང་ཟད་དྲི་ བར་འདོད་ན་ཡང། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ནི། །གེགས་མེད་པར་ཡང་མཐོང་བར་ཤོག། །་ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །ཐུབ་དབང་སྤྱོད་པ་ཇི་ལྟ་བ། །བདག་གི་སྤྱོད་པའང་དེ་ལྟར་ཤོག། །་བདག་ [013B] །དུས་གསུམ་དགེ་བ་ཐམས་ཅད་ཀྱང། །སེམས་ཅན་ཀུན་ལ་སྦྱིན་པར་བྱ། །འཕྲལ་དང་ཡུན་དུ་བདེ་བར་ཤོག། །་སེམས་ཅན་རྣམས་ཀྱི་མི་དགེའི་ཚོགས། །དུཿ་ཁ་རྒྱ་མཚོའི་རྒྱུར་གྱུར་པ། །དེ་ཀུན་བདག་ལ་སྨིན་གྱུར་ནས། །དུཿ་ཁ་རིན་ ཆེན་དབང་པོར་ཤོག། །་གང་ཞིག་བདག་ནི་མཐོང་བ་དང། །བདག་མིང་ཐོས་དང་དྲན་པ་དང། །དད་དང་དགའ་བར་བྱེད་པ་ཀུན། །ཚེ་འདིར་རྡོ་རྗེ་འཆང་ཐོབ་ཤོག། །་གང་དག་བདག་ལ་སྨོད་པ་དང། །བརྡེག་འཚོག་མི་སྙན་བརྗོད་པ་དང། །ཕྲག་དོག་ངན་སེམས་ འཆང་བ་ཀུན། །ཚེ་འདིར་སངས་རྒྱས་མྱུར་ཐོབ་ཤོག། །་བདག་ལ་བརྟེན་ནས་ནམ་དུ་ཡང། །གཞན་ལ་གནོད་པར་མ་གྱུར་ཅིག། །སྒོ་གསུམ་གང་དང་གང་བརྩམས་པ། །གཞན་ལ་ཕན་པར་འགྱུར་བར་ཤོག། །་བུམ་པ་བཟང་པོ་དཔག་བསམ་ཤིང། །ཡིད་ བཞིན་ནོར་བུ་ཇི་ལྟ་བར། །སེམས་ཅན་རྣམས་ཀྱི་འདོད་པའི་དོན། །ཐམས་ཅད་བདག་ལ་འབྱུང་བར་ཤོག། །་གལ་ཏེ་གཞན་ལ་ཕན་གྱུར་ན། །རང་གི་དོན་ལ་ལྟོས་མེད་པར། །ངན་སོང་གསུམ་གྱི་དུཿ་ཁ་ཡང། །གཞན་གྱི་དོན་དུ་བཟོད་པར་ཤོག། །་མི་བཟད་ ལས་ཀྱི་མཐུ་སྟོབས་ཀྱིས། །མི་ཁོམ་གནས་སྐྱེས་སུ་གྱུར་ནས། །ཉོན་མོངས་ནད་ཀྱིས་གདུངས་པ་ལ། །ཆོས་ཀྱི་བདུད་རྩི་སྦྱིན་པར་ཤོག། །་བླ་མ་དཀོན་མཆོག་གསུམ་པོ་དང། །ཁྱད་པར་དཔལ་ལྡན་དུས་འཁོར་ལ། །མ་དད་བསོད་ནམས་དམན་པའི་མི། །ཆོས་ ཀྱིས་ཕོངས་པར་གྱུར་པ་རྣམས། །་བདག་གིས་སྣ་ཚོགས་ཐབས་ཀུན་གྱིས། །ལེགས་པར་ཁྲིད་དེ་བླ་མ་དང། །དཀོན་མཆོག་གསུམ་དང་དུས་འཁོར་ལ། །དང་བྱས་ལམ་ལ་འགོད་གྱུར་ཅིག། །་བླ་མ་ལྷར་བཅས་བྱིན་རླབས་དང། །ཟབ་ལམ་རིམ་གཉིས་ བསྒོམས་པའི་མཐུས། །དངོས་གྲུབ་རྣམ་པ་གཉིས་ཐོབ་ནས། །སེམས་ཅན་སྨིན་པའི་མཐུ་ལྡན་ཤོག། །་བདག་ནི་འཆི་བའི་དུས་ཀྱི་ཚེ། །སྡིག་དང་འགྱོད་པ་མེད་པ་དང། །དབང་པོ་རྣམས་ནི་གསལ་བ་དང། །ཏིང་འཛིན་ངང་ནས་འཕོ་བར་ཤོག། །་དཔའ་བོ་རྣལ་ [014A]༄༅། །འབྱོར་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་ཐོགས་ཏེ། །རོལ་མོ་སྒྲ་སྙན་གླུས་མཆོད་ཅིང། །མཁའ་སྤྱོད་གནས་སུ་འཁྲིད་པར་ཤོག། །་ངེས་པར་མཆོག་ཏུ་མི་འགྱུར་བའི། །བདེ་བ་ཏིང་ངེ་འཛིན་ཐོབ་ནས། །ཁྱབ་ བདག་དབུགས་ཀྱི་གྲངས་འཕེལ་བས། །གནས་དང་ཉེ་གནས་སོགས་བགྲོད་ཤོག། །་ནོར་བུའི་རྩེ་མོར་ཉི་རྡུལ་བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །མི་གནས་མྱ་ངན་འདས་པ་མཆོག། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག། །་རྣམ་ ཤེས་ཆོས་ཉིད་ལས་འདས་པ། །ཡེ་ཤེས་དག་པ་གོས་པ་མེད། །ཆོས་ཀུན་རང་བཞིན་འོད་གསལ་བའི། །མི་བསྐྱོད་རྡོ་རྗེར་བདག་གྲུབ་མཛོད། །་སངས་རྒྱས་སེམས་ཅན་མཚན་མ་མེད། །སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བའི་རང་ བཞིན་ཅན། །དོན་ཡོད་རྡོ་རྗེར་བདག་གྲུབ་མཛོད། །་རྟག་དང་ཆད་པ་ལས་གྲོལ་ཞིང། །དངོས་ཀུན་མཉམ་པ་ཉིད་གྱུར་པ། །མི་འགྱུར་ཡེ་ཤེས་ལས་འབྱུང་བའི། །རིན་ཆེན་རྡོ་རྗེར་བདག་གྲུབ་མཛོད། །་ཨ་ལས་བྱུང་བའི་མིང་ཡིག་ཀུན། ། མི་འགྱུར་ཆེན་པོའི་གནས་ཐོབ་པ། །མིང་དང་མིང་ཅན་འདུ་ཤེས་གྲོལ། །པད་མའི་རྡོ་རྗེར་བདག་གྲུབ་མཛོད། །་སྟོང་པ་ལ་ནི་དངོས་པོའི་ཚོགས། །བེམ་པོ་མ་ཡིན་རྟག་པ་སྤངས། །པྲ་ཕབ་བཞིན་དུ་གསལ་བར་སྣང། །རྡོ་རྗེ་འཁོར་ལོར་བདག་གྲུབ་ མཛོད། །་རྣམ་ཀུན་མཆོག་ལྡན་སྟོང་ཉིད་དང། །མི་འགྱུར་བདེ་བ་དབྱེར་མེད་པའི། །བདེན་པ་དེ་ཡིས་བདག་ཅག་གི། །འདོད་པ་ཐམས་ཅད་ཡོངས་རྫོགས་མཛོད། །་དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་བསྟོད་པ་ཙམ་གྱིས་འདོད་པའི་དོན་ ཐམས་ཅད་འགྲུབ་པ་ཞེས་བྱ་བ། །དཔལ་ལྡན་བླ་མ་དམ་པ་དུས་ཀྱི་འཁོར་ལོའི་ཞབས་པ་ཆེན་པོ་རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་ཤིང། །གསུང་གི་བདུད་རྩིའི་རོ་མྱངས་པ་དགེ་སློང་རིན་ཆེན་གྲུབ་གྱིས་རབ་བྱུང་གི་ལོ་ [014B] །འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག། །བདག་རོ་མཉམ་རྡོ་རྗེ་ཤུ་བྷ་སཱ་དཧུ་ར་ཏྣའི་ཡི་དམ་བྱེད་པ་ཡིན་ ནོ། །ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག། །།ཐུགས་གྱ་གཉིས། གསུང་བཞི་བཅུ། སྐུ་རེ་བརྒྱད། སྨོན་ལམ་གོ་བདུན། ཚིགས་སུ་བཅད་པ་ཉིས་བརྒྱ་དང་གྱ་དྲུག་གོ། །།མང་ག་ལཾ། །